1.འགྲིམ་འགྲུལ་ཁྲིམས་འགལ་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ། གཅིག་ནི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་གཙོ་བོའི་རིགས་ལ་ཁྲིམས་བཞིན་བཅོས་སྒྲིག་བྱ་རྒྱུ་ཡིན་ཞིང་། དེ་ཡང་འཕྲུལ་སྒུལ་འཁོར་རིགས་ཀྱིས་འཁོར་ལམ་བཟུང་བ་དང་(འཕྲུལ་སྒུལ་མིན་པའི་འཁོར་ལམ་ཚུད་) འཁོར་རིགས་གང་བྱུང་དུ་བཀག་པའམ་འཇོག་པ། མི་བགྲོད་ལམ་བུར་འཁོར་རིགས་གང་བྱུང་དུ་འཇོག་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུ་དང་། འཕྲུལ་སྒུལ་མིན་པའི་འཁོར་རིགས་(མཉམ་སྤྱོད་གློག་འཁོར་ཚུད་)གང་བྱུང་དུ་བཀག་པའམ་འཇོག་པ་དང་། སྦག་ཞྭ་མི་གྱོན་པ། འགྲིམ་འགྲུལ་འགག་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྒྱུན་འཇགས་ལྟར་བཅོས་སྐྱོང་བྱ་རྒྱུ། གཉིས་ནི་འཕྲུལ་སྒུལ་འཁོར་རིགས་ཁྲིམས་འགལ་ངང་གཉེར་སྐྱོང་དང་། གློག་སྒུལ་འཁོར་རིགས་ (སྦག་སྦག་ )ལ་བརྟེན་ནས་ཁྲིམས་འགལ་ངང་ཁེ་ཕན་གཉེར་བ། འཁོར་རིགས་བཟོ་བཅོས་ཁེ་ལས་ཀྱི་ཁྲིམས་འགལ་གནས་ཚུལ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྒྱུན་མཐུད་བཅོས་སྒྲིག་བྱ་རྒྱུ། གསུམ་ནི་༼རླངས་འཁོར་གོག་རོར་༽ཆེད་དོན་བཅོས་སྒྲིག་དང་གཙང་སེལ་བྱ་རྒྱུའི་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་རྒྱུ་དང་། རྒྱུན་ཆད་མེད་པར་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་བཅོས་སྒྲིག་བྱས་ཏེ་གཏོར་སྐྱོན་ཕོག་པའི་ལམ་ངོས་དུས་ཐོག་ཏུ་བཟོ་བཅོས་བྱ་རྒྱུ།
2.གཙོ་གནད་ཁྱབ་ཁོངས་ཀྱི་འགྲིམ་འགྲུལ་སྒྲིག་སྲོལ་སྲུང་སྐྱོང་བྱ་རྒྱུ། གཅིག་ནི་གླ་བྱེད་རླངས་འཁོར་དང་དྲ་འབོད་གླ་འཁོར་གཉེར་སྐྱོང་དང་དོ་དམ་ཚད་ལྡན་དུ་བཏང་ནས་གཉེར་སྐྱོང་རླངས་འཁོར་གྱི་ཁྲིམས་འགལ་གནས་ཚུལ་ལ་ཁྲིམས་བཞིན་ཞིབ་བཤེར་དང་ཐག་གཅོད་བྱ་རྒྱུ། གཉིས་ནི་མཉམ་སྤྱོད་གློག་སྒུལ་འཁོར་རིགས་ཀྱི་དོ་དམ་ཚད་ལྡན་དུ་བཏང་ནས་མཉམ་སྤྱོད་གློག་སྒུལ་འཁོར་རིགས་ཚད་བརྒལ་མཁོ་སྤྲོད་བྱེད་རིགས་ཁྲིམས་བཞིན་གཙང་སེལ་བྱ་རྒྱུ་དང་། མཉམ་སྤྱོད་གློག་སྒུལ་འཁོར་རིགས་ཀྱི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་སྤེལ་ནས་འཁོར་རིགས་གོ་རིམ་མེད་པར་མཁོ་སྤྲོད་དང་གང་བྱུང་དུ་བཀག་པའམ་འཇོག་པ་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་བཞིན་ཞིབ་བཤེར་བྱ་རྒྱུ་མ་ཟད། ཁེ་ལས་ཀྱིས་དམིགས་བཙུགས་ས་ཆར་འཁོར་རིགས་ཕྱིར་སྤྲོད་བྱེད་པའི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། གསུམ་ནི་གཉེར་སྐྱོང་རང་བཞིན་གྱི་སྒྲིག་སྦྱོར་དང་། བཟོ་སྣོན། སྒྱུར་བཟོ་བཅས་ཀྱི་ཁྲིམས་འགལ་བྱ་སྤྱོད་དང་། གཏན་འབེབས་ཀྱི་ཚད་གཞིའམ་ཐོན་རྫས་ཀྱི་སྤུས་ཚད་བླང་བྱ་དང་མི་མཐུན་པའི་གློག་སྒུལ་འཁོར་རིགས་ (སྦག་སྦག་ )དང་ལྷུ་ལག་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཁྲིམས་བཞིན་ཐག་གཅོད་བྱ་རྒྱུ། བཞི་ནི་སློབ་གྲྭ་དང་། ཚོང་ཁྲོམ། སྨན་ཁང་བཅས་ཉེ་འཁོར་གྱི་འགྲིམ་འགྲུལ་བཅོས་སྒྲིག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་འགྲོ་འོང་ལ་ཤུགས་རྐྱེན་ཐེབས་པའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་དང་། ལྷག་པར་དུ་སྒྲིག་འགལ་ངང་འཁོར་རིགས་ཁ་བཀག་པ་དང་རང་དགར་ཁ་ཕྱོགས་སྒྱུར་བ་སོགས་གཞུང་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་བཞིན་ཞིབ་བཤེར་བྱས་ནས་འགྲིམ་འགྲུལ་འཚང་འགག་གི་གནས་ཚུལ་ཐག་གཅོད་བྱ་རྒྱུ། སློབ་གྲྭའི་ཉེ་འཁོར་གྱི་ལམ་རྒྱུད་དུ་བྱ་ཐབས་འོས་འཚམ་སྤྱད་དེ་སློབ་མ་བསུ་སྐྱེལ་གྱི་རླངས་འཁོར་གནས་སྐབས་འཇོག་ཐུབ་པ་བྱ་རྒྱུ།
3.གྲོང་ཁྱེར་གྱི་ཁོར་ཡུག་ཆེད་དོན་བཅོས་སྒྲིག་བྱེད་རྒྱུར་དམ་འཛིན་ནན་པོ་བྱ་རྒྱུ། གཅིག་ནི་གཞུང་ལམ་གཞོགས་གཉིས་སུ་ཁྲིམས་འགལ་ངང་ས་ཆ་བཟུང་བ་དང་། ཁྲིམས་འགལ་ངང་ཨར་སྐྲུན་བྱེད་པ། གང་བྱུང་དུ་སྒྲིག་སྦྱོར་དང་བཟོ་སྐྲུན་བྱེད་པ་བཅས་ཀྱི་བྱ་སྤྱོད་ལ་ཁྲིམས་བཞིན་ཞིབ་བཤེར་བྱ་རྒྱུ་དང་། ལྷག་པར་དུ་གྲོང་ཁུལ་རྙིང་པའི་གྲོང་མིའི་སྡོད་ཁང་སྒྱུར་བཟོ་དང་རྒྱས་སྐྲུན་བྱེད་པའི་བྱ་སྤྱོད་ལ་ཞིབ་མཆན་ནན་པོ་བྱས་ཏེ་གང་བྱུང་དུ་སྒྲིག་སྦྱོར་དང་བཟོ་སྐྲུན་བྱེད་རིགས་བཀག་སྡོམ་བྱ་རྒྱུ། གཉིས་ནི་ལམ་འགྲམ་དུ་ཨར་སྐྲུན་བྱེད་པའི་བྱ་སྤྱོད་ལ་དམིགས་ཏེ་ཨར་སྐྲུན་བྱེད་མཁན་གྱིས་ཉེན་ཁ་འགོག་སྡོམ་ནན་པོ་དང་། ལས་ཀའི་མྱུར་ཚད་མགྱོགས་སུ་གཏོང་བ། ལས་ཡུན་ཐུང་དུ་གཏོང་བ། རེས་མོས་ཨར་སྐྲུན་བཅས་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཆོག་མཆན་མེད་པར་སྔོན་ལ་ཨར་སྐྲུན་དང་ལས་ཡུན་ནར་འགྱངས་བཏང་ནས་ལམ་བུ་བཀག་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཁྲིམས་བཞིན་ཞིབ་བཤེར་དང་ཐག་གཅོད་བྱ་རྒྱུ། གསུམ་ནི་ཟོག་འདྲེན་རླངས་འཁོར་ཐོག་རས་ཁེབས་གཡོགས་མེད་པ་དང་། བླུགས་འགེལ་ཚད་ལྡན་མིན་པ། ས་ཆུ་ཟགས་པ་སོགས་ཀྱིས་གཞུང་ལམ་ལ་སྦགས་བཙོག་བཟོ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཁྲིམས་བཞིན་ཞིབ་བཤེར་དང་ཐག་གཅོད་བྱ་རྒྱུ།
རྒྱ་ཆེའི་གྲོང་མི་རྣམ་པས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་ཞུས་ནས་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ནང་རང་འགུལ་ངང་ཐེ་ཞུགས་གནང་རོགས། ཚན་པ་དང་མི་སྒེར་སུ་ཞིག་གིས་ཀྱང་ཁྲིམས་འཛིན་མི་སྣའི་ཁྲིམས་ལྟར་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོས་ཚེ། ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ།